sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བརྒྱད་པ་ ཨོ་རྒྱན་འཕྲིན་ལས་རྡོ་རྗེ་། ༼༡༩༠༦-༡༩༤༩༽

སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བརྒྱད་པ་ ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ ཡབ་ཐིམ་ཕུག་རྫོང་དཔོན་ཀུད་བཟང་འཕྲིན་ལས་དང་ ཡུམ་སྐུ་གོང་མའི་སྲིངམོ་ སངས་རྒྱས་སྒྲོལ་མ་གཉིས་ཀྱི་སྲས་ལུ་ སྤྱི་ལོ་༡༩༠༦ ལུ་ ངོ་མཚར་བའི་རྟགས་མཚན་མང་རབས་དང་བཅས་ སྐུ་འཁྲུངས་ནུག།
སྐུ་ཡོན་བཞེས་ཚུལ་དང་འགྲོ་དོན་འཕྲིན་ལས།
སྐུ་ན་དུམ་གྲ་ཅིག་བཞེས་ཞིནམ་ལས་ སྒང་སྟེང་གསང་སྔགས་ཆོས་གླིང་ལུ་ གདན་འདྲེན་ཞུ་སྟེ་ ཁྲི་མངའ་གསོལ་རྒྱས་པར་མཛད་ཤུལ་ པད་གླིང་དགུ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ཞབས་ལས་ པད་གླིང་ཆོས་སྐོར་ཡོངས་སུ་རྫོགས་པའི་དབང་ལུང་ཚུ་ གསན་པར་མཛད། སྒང་སྟེང་གི་སྒོམ་སྡེ་ཚུ་ཡང་ གོས་གྱོན་ཐངས་ལས་བཟུང་ བོད་སྒར་པའི་སྲོལ་བཟུམ་བཙུགས་གནངམ་མ་ཚད་ ཁ་རྒྱུན་ལྟར་དུ་འབད་བ་ཅིན་ སྤྲུལ་སྐུ་མཆོག་གིས་ འབྲུག་གི་རྒྱལ་ས་ལྟེ་བར་ ཡབ་ཀྱི་སྐུ་ཚབ་རྫོང་དཔོན་མཛད་དེ་བཞུགསཔ་ལས་ ཐིམ་ཕུག་རྫོང་ནང་ གུ་རུའི་ལྷ་ཁང་ཅིག་གསརཔ་བཞེངས་གནང་སྟེ་ ད་ལྟོ་མཇལ་ས་ཡོདམི་དེ་ཨིན་ཟེར་བཤད་སྲོལ་ཡོདཔ་ཨིནམས། སྒང་སྟེང་གསང་སྔགས་ཆོས་གླིང་ལུ་ཕེབས་པའི་སྐབས་ གདན་སའི་ཉེ་འདབས་ ཁང་བཟང་མཆོད་རྟེན་ལས་ བཙུན་ཆས་བསྒྲིགས་ཏེ་ ཆིབས་རྟ་ལས་འབབས་ཏེ་བྱོནམ་ལས་ མི་ཚུ་གིས་མཆོད་རྟེན་གྱི་མཚན་ཡང་ རྟ་བབས་མཆོད་རྟེན་ཟེར་ བཏགས་ཡོདཔ་ཨིན་མས།
དགོངས་པ་རྫོགས་ཚུལ།
ཁ་བཞི་འབྲུག་གི་ཡུལ་ལྗོངས་འདི་ནང་ བསྟན་སྲིད་གཉིས་ཀྱི་འགྲོ་དོན་ རྒྱ་ཆེར་མཛད་པའི་མཐར་ དགུང་ལོ་༤༣ དེ་ཅིག་བཞེས་པའི་་ཐོག་ལུ་ སྤྱི་ལོ་༡༩༤༩ དེ་ཅིག་ཁར་ དབང་འདུས་ཕོ་བྲང་རྫོང་ནང་སྦེ་ གཟུགས་སྐུའི་བཀོད་པ་ཆོས་དབྱིངས་ལུ་བསྡུ་གནང་ནུག། སྐུ་གདུང་ཡིད་བཞིན་ནོར་བུ་དེ་ སྒང་སྟེང་གསང་སྔགས་ཆོས་གླིང་ལུ་ གདན་འདྲེན་ཞུ་སྟེ་ སྤུར་བྱང་རྒྱས་པར་ཕུལ་ནུག། །

ང་བཅས་ལུ་རྒྱབ་སྐྱོར།