sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་ལྔ་པ་ ཨོ་རྒྱན་དགེ་ལེགས་རྣམ་རྒྱལ། ༼༡༧༩༡-༡༨༤༠༽

སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་ལྔ་པ་ ཨོ་རྒྱན་དགེ་ལེགས་རྣམ་རྒྱལ་མཆོག་ བུམ་ཐང་སྡེ་བཞིའི་བྱེ་བྲག་ ཆུ་སྨད་སྤྲ་མཁར་ལུ་ འོད་གསལ་ལྷའི་གདུང་བརྒྱུད་མ་ཉམས་པར་བྱོན་པའི་རིགས་ལུ་ སྤྱི་ལོ་༡༧༩༡ དང་ རབ་བྱུང་༡༣ པའི་ལྕགས་ཕག་ལོར་ སྐུ་འཁྲུངས་ནུག། པད་གླིང་དྲུག་པ་ཀུན་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས་ སྤྲུལ་སྐུའི་ངོས་འཛིན་གནང་སྟེ་ བདག་རྐྱེན་ཕུལ་ཞིནམ་ལས་ མཚན་ཡང་ཨོ་རྒྱན་དགེ་ལེགས་རྣམ་རྒྱལ་ཟེར་གསོལ་ནུག།
སྐུ་ཡོན་བཞེས་ཚུལ།
དེ་ལས་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་སྤྱན་དྲངས་ཏེ་ གདན་སར་མངའ་གསོལ་གྱི་ཁྲི་དར་ཕུལ་ཞིནམ་ལས་ ཕྱག་མཛོད་དང་གཟིམ་ཅུང་ གཙུག་ལག་ཁང་རྟེན་དང་བཅས་པར་ རྩིས་ཕུལ་བའི་རྗེས་སུ་ པད་གླིང་དྲུག་པ་གིས་གཙོས་པའི དགེ་བའི་བཤེས་གཉེན་ཚུ་བསྟེན་ཏེ་ མདོ་སྔགས་རིག་གནས་ཚུ་ལུ་ གསན་བསམ་མཐར་ཕྱིན་མཛད་ནུག།
འགྲོ་དོན་འཕྲིན་ལས་དང་ དགོངས་པ་རྫོགས་ཚུལ།
ལྷག་པར་དུ་ པད་གླིང་ལུགས་ཀྱི་ བླ་རྫོགས་ཐུགས་གསུམ་གྱིས་གཙོས་པའི་ པད་གླིང་ཆོས་སྐོར་གྱི་དབང་ལུང་ཁྲིད་གསུམ་དང་ གདམས་ངག་གི་གནད་ལུ་ སྒྲོ་འདོགས་བཅད་དེ་ སྒོམ་པའི་ཡུན་གྱིས་བསྐྱངས་པ་དང་། སྔར་ཁྱུན་སྐུ་མཆོད་འབུམ་སྡེའི་རིགས་ཚུ་ཡང་ མི་ཉམས་དར་རྒྱས་མཛད་པའི་ཐབས་ལུ་ བརྩོན་པ་གང་དྲག་བསྐྱེད་པའི་ཐོག་ འཁོར་འབངས་སློབ་མ་ཚུ་ལུ་ དབང་ལུང་ཁྲིད་གསུམ་གྱིས་ རྒྱུད་སྨིན་པར་བྱས་པའི་སྒོ་ལས་ བསྟན་འགྲོའི་དོན་ཆེན་མཐར་ཕྱིན་པའི་མཐར་ དགུང་གྲངས་༤༩ བཞེས་པའི་ཐོག་ལུ་ སྤྱི་ལོ་༡༨༤༠ དང་ རབ་བྱུང་༡༤ པའི་ལྕགས་བྱི་ལོར་ ངོ་མཚར་བའི་རྟགས་དུ་མ་དང་བཅས་ གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་པའི་ཚུལ་མཛད་ནུག །

ང་བཅས་ལུ་རྒྱབ་སྐྱོར།