sdsafsa
རྫོངཁ།
English


སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བཞི་པ་ སྲིད་ཞི་རྣམ་རྒྱལ། ༼༡༩༥༩-༡༧༩༠༽

སྐུ་འཁྲུངས་ཚུལ།
སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་བཞི་པ་ སྲིད་ཞི་རྣམ་རྒྱལ་མཆོག་ སྤྱི་ལོ་༡༧༥༩ རབ་བྱུང་༡༣ པའི་ས་ཡོས་ལོར་ འབྲུག་ནུབ་ཕྱོགས་ཝང་ཡུལ་ལུ་ ངོ་མཚར་བའི་ལྟས་དུམ་དང་བཅས་ སྐུ་འཁྲུངས་ནུག། པད་གླིང་ལྔ་པ་བསྟན་འཛིན་གྲུབ་མཆོག་རྡོ་རྗེ་གིས་ ཀུན་བཟང་པདྨ་འཕྲིན་ལས་རྣམ་གྱི་ ཡང་སྲིད་འཁྲུལ་མེད་དུ་མཁྱེན་ཏེ་ ངོས་འཛིན་གྱི་བདག་རྐྱེན་ཕུལ་ཏེ་ བསྟན་འཛིན་སྲིད་ཞི་རྣམ་རྒྱལ་ཟེར་བའི་ མཚན་གསོལ་ཞིནམ་ལས་ སྐུ་གོང་མའི་གདན་ས་ དཔལ་སྒང་སྟེང་གསང་སྔགས་ཆོས་གླིང་ལུ་གདན་དྲངས་ཏེ་ ཁྲི་མངའ་གསོལ་མཛད་ནུག།
སྐུ་ཡོན་བཞེས་ཚུལ།
སྦས་ཡུལ་དུ་གྲགས་པ་ བུམ་ཐང་སྤྲ་མཁར་ལུ་གདན་དྲངས་ཏེ་ ཡོངས་འཛིན་དམ་པ་ཚུ་ལས་ མདོ་སྔགས་རིག་པའི་གནས་སྤྱི་དང་ ལྷག་པར་པད་གླིང་ལྔ་པ་བསྟན་འཛིན་དོན་གྲུབ་རྡོ་རྗེ་ལ་སོགས་པ་ སྐྱེས་བུ་དམ་པ་ཚུ་གི་ཞབས་ལས་ བླ་རྫོགས་ཐུགས་གསུམ་གཙོ་བོར་གྱུར་པའི་ ཟབ་ཆོས་ཀྱི་དབང་ལུང་ཁྲིད་གསུམ་དང་ གར་ཐིག་དབྱངས་གསུམ་སོགས་ རང་ལུགས་ཀྱི་ཕྱག་སྲོལ་བཟང་པོ་ཚུ་ལུ་ མཁས་སྦྱང་གི་རྩེར་སོན། ཞལ་རྒྱུན་སླབ་སྲོལ་ལུ་ སྤྲུལ་པའི་སྐུ་མཆོག་དེ་ཉིད་ སྤུངས་ཐིམ་གྲྭ་ཚང་གི་འདུས་སྡེར་ཞུགས་ཏེ་ རང་རེ་དཔལ་ལྡན་འབྲུག་པའི་ལུགས་ཀྱི་བསྐྱེད་ཆོག་སོགས་ ཕྱག་སྲོལ་བཟང་པོ་ཚུ་ལུ་ ཐུགས་སྣང་གཤིན་པའི་དབང་གིས་ སྦྱང་བརྩོན་མཁས་པའི་ཕུལ་དུ་ཕྱིན་པ་ལས་ སྒང་སྟེང་གི་གདན་སར་འདིར་ཡང་ དཔལ་ལྡན་འབྲུག་པའི་ལུགས་ཀྱི་ཆོ་ག་ཕྱག་ལེན་གྱི་ སྲོལ་བཙུགས་གནང་བ་བཞིན་དུ་ ད་ལྟོའི་བར་ན་ཡང་ པད་གླིང་འབྲུག་ལུགས་ཟེར་བའི་ ཆོ་ག་གཏང་སྲོལ་ཡོདཔ་མ་ཚད་ དགོན་སྡེའི་ཆོས་ཁྲིམས་ཀྱི་སྒྲིག་གཞི་ཚུ་ཡང་ ཕལ་ཆེར་དཔལ་ལྡན་འབྲུག་པའི་ ལུགས་དང་མཐུནམ་སྦེ་ཡོདཔ་ཨིན་མས།
འགྲོ་དོན་འཕྲིན་ལས་དང་དགོངས་པ་རྫོགས་ཚུལ།
འཁོར་སློབ་ཕྲུག་ཚུ་ལུ་ ཐུགས་བྱམས་དང་སྙིང་རྗེའི་སྒོ་ལས་ ཚེ་འདི་ཕྱི་གཉིས་ལུ་ཕན་པའི་ བསླབ་སྟོན་དང་ཟབ་ཆོས་ཀྱི་བདུད་རྩིའི་རྒྱུན་གྱིས་ འགྲོ་བ་ཀུན་གྱི་རྒྱུད་ སྨིན་པར་མཛད་པའི་མཐར་ དགུང་གྲངས་༣༡ གི་ཐོག་ལུ་ སྤྱིལོ་༡༧༩༠ དང་ རབ་བྱུང་༡༣ པའི་ལྕགས་ཁྱི་ཡས་མས་ལུ་ གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་གནང་ནུག །

ང་བཅས་ལུ་རྒྱབ་སྐྱོར།