རྫོངཁ།
English

ངོ་སྤྲོད།

༉ པད་གླིང་ཆོས་ཀྱི་དགའ་ཚལ་གཞི་ཚོགས་འདི་ གཏེར་སྟོན་ཆེན་པོ་རིག་འཛིན་པདྨ་གླིང་པའི་རིང་ལུགས་ཀྱི་བདག་པོ་གཙོ་བོ་ སྐྱབས་རྗེ་སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་ ༩ པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་དང་ བློ་གཏད་བཀོད་ཚོགས་ཀྱིས་ འབྲུག་གཞུང་ཆོས་སྡེའི་བཅའ་ཁྲིམས་ ༢༠༠༧ ཅན་མའི་དགོངས་དོན་དང་འཁྲིལ་ཏེ་ གཞི་བཙུགས་གནང་ཡོད། གཏེར་སྟོན་གྱི་རྒྱལ་པོ་ལྔའི་ཡ་གྱལ་ རིག་འཛིན་པདྨ་གླིང་པའི་མཚན་གྱི་རྗེས་སུ་འབྲངས་ཏེ་ མིང་བཏགས་ཡོད་པའི་ གཞི་ཚོགས་འདིའི་ དམིགས་ཡུལ་ཡང་ སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་ སྒོས་སུ་རིག་འཛིན་པདྨ་གླིང་པའི་ཟབ་ཆོས་ཀྱི་རྒྱུན་འདི་ ཇི་སྲིད་ནམ་གནས་ཀྱི་བར་དུ་ འཛིན་སྐྱོང་སྤེལ་གསུམ་གནང་ནི་དང་ རྒྱལ་ཁབ་ཀྱི་ལུགས་སྲོལ་དང་ སྔར་ཁྱུན་བཟང་པོའི་ཁྱད་ཆོས་ ཐུན་མོང་མ་ཡིན་པ་ཚུ་ ཉམས་པ་སོར་ཆུད་དང་ མི་ཉམས་གོང་འཕེལ་གཏང་ནི་ཨིན། དེ་གིས་མ་ཚད་པར་ དམ་པའི་ཆོས་དང་ སྔར་སྲོལ་གྱི་ཤེས་ཡོན་དར་ཁྱབ་བཏང་ཐོག་ལས་ མི་སྡེའི་ནང་འཁོད་ བྱམས་སྙིང་རྗེ་དང་ ཕན་ཚུན་མཐུན་འབྲེལ་ ཡར་དྲག་བཏང་སྟེ་ འཛམ་གླིང་ནང་ ཞི་བདེ་དང་དགའ་སྐྱིད་ ཕུན་སུམ་འཚོགས་ཐབས་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན། རྒྱུ་མཚན་འདི་ལུ་བརྟེན་ཏེ་ མི་ངོ་དྲག་ཞན་ཆེ་ཆུང་མེདཔ་གེ་ར་གིས་ ང་བཅས་ཀྱི་ལས་སྣ་ཚུ་ལུ་ འབྲེལ་གཏོགས་དང་ རྒྱབ་སྐྱོར་གནང་སྟེ་ འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་མཐའ་དོན་ བསྒྲུབ་ཐབས་མཛད་གནང་ཟེར་ གསོལ་འདེབས་ཞུ་ནི་ཨིན།


གཞི་ཚོགས་འདི་ གསར་བཙུགས་འབད་ཆོག་པའི་གནང་བའི་ཡི་གུ་ གཟིགས་ནིའི་དོན་ལུ་ ནཱ་ལུ་ཨེབ་གཏང་ མཛད་གནང་།
གཞི་ཚོགས་འདི་ལུ་ ཁྲལ་བབས་ཡངས་ཆག་གི་ལག་ཁྱེར་ གཟིགས་ནིའི་དོན་ལུ་ ནཱ་ལུ་ཨེབ་གཏང་  མཛད་གནང་།

གཞི་ཚོགས་འདིའི་ ལས་རྟགས་ཀྱི་བརྡ་མཚོན།

མེ་ཏོག་པདྨ་ལོ་འདབ་རྒྱས་མི་འདི་ མེ་ཏོག་པདྨ་ལས་སྐུ་འཁྲུངས་མི་ སངས་རྒྱས་གཉིས་པ་ གུ་རུ་རིན་པོ་ཆེའི་བརྡ་མཚོན་ཨིན། ཆོས་ཀྱི་འཁོར་ལོ་འདི་ འགྲོ་བ་ཡོངས་ཀྱི་ཕན་བདེ་དང་ འཛམ་གླིང་ཞི་བདེའི་དོན་ལུ་ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ རྒྱུན་ཆད་མེད་པར་ དར་ཞིང་རྒྱས་པའི་བརྡ་མཚོན་ཨིན། ཆོས་ཀྱི་འཁོར་ལོའི་གཡས་གཡོན་གཉིས་ལུ་ ཀ་ཤ་ཡོད་མི་འདི་གིས་ སྟོན་པ་རྫོགས་པའི་སངས་རྒྱས་ཀྱིས་ ཆོས་ཀྱི་འཁོར་ལོ་དང་པ་བསྐོར་གནང་མི་དང་ འགྲོ་བ་སེམས་ཅན་ཚུ་གིས་ དམ་པའི་ཆོས་ཀྱི་བདུད་རྩི་ལུ་ རོ་མྱོང་བའི་བརྡ་མཚོན་ཨིན། འཁོར་ལོའི་སྟེང་དུ་ པདྨ་རྒྱས་་་་ རྒྱས་པར་གཟིགས།

སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་རིན་པོ་ཆེའི་རྟོགས་བརྗོད་མདོར་བསྡུས།

སྐུ་འཁྲུངས་ཚུལ།
དེ་ཡང་ སྒང་སྟེང་སྤྲུལ་སྐུ་ སྐུ་ཕྲེང་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་མཆོག་ ཀྲོང་གསར་བོན་སྦིས་ཆོས་རྗེའི་བཟའ་ཚང་ནང་ སྤྱི་ལོ་༡༩༥༥ ལུ་ ནམ་མཁར་འཇའ་ཚོན་འཁྱིལ་བ་དང་ མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཤར་ཡོད་པའི་ རྟགས་མཚན་བཟང་པོ་དུ་མ་དང་བཅས་ ཡབ་ཚེ་རིང་རྡོ་རྗེ་དང་ ཡུམ་ཚེ་རིང་དཔལ་མོ་གཉིས་ཀྱི་སྲས་ལུ་ སྐུ་འཁྲུངས་ནུག།
འཁྲུངས་རྟགས་དང་ལུང་བསྟན།
སྤྲུལ་སྐུ་མཆོག་ ཡུམ་གྱི་ལྷུམས་སུ་བཞུགས་པའི་སྐབས་ལུ་ ཡུམ་གྱི་མནལ་ལམ་ནང་ བཀོལ་བའི་ཆུ་ཨོམ་ལུ་གྱུར་བ་དང་ ཨ་ལོ་ལེ་ཤ་ཅིག་གིས་ ཆུ་དབོག་སར་གཟིགས་ནུག། དེ་་་ རྒྱས་པར་གཟིགས།